Tuesday, February 11, 2014

༼ཤེས་རབ་རྩེ་ཀྱི་དུས༽

ཟག་མེད་ཡོན་ཏན་མཆོག་གི་སངྱས་དང་།།
ཕར་ཕྱིན་གྲུ་གཟིངས་མཚུངས་པའི་དམ་པའི་ཆོས།།
བདེ་བར་འདོད་པས་དགེ་བ་འདུན་དུ་ལེན།།
རིན་ཆེན་དཀོན་མཆོག་གསུམ་གྱིས་དགེ་ལེགས་རྩོལ།།

ད་ལྟ་ཨོ་རྒྱན་པདྨའི་སྦས་ཡུལ་འདིར།།
 རབ་དཀར་གངས་རིས་བརྒྱན་པའི་འབྲུག་གི་ཡུལ།།
ལམ་སྲོལ་ལེགས་པ་ཁྲིམས་ལ་གནས་པ་ཡི།།
འབྲུག་གི་་སྤྱི་ནོར་བྱང་སེམས་སྤྲུལ་པའི་རྒྱལ།།

བསྐལ་མང་བསོད་ནམས་རྒྱུ་བཟང་ས་བོན་གྱིས།།                     
བསོད་ནམས་རབ་ཏུ་འཁོར་བའི་ས་ལ་གཤེགས།།
དགའ་དགའ་སྐྱིད་སྐྱིད་ལྡན་པའི་ཤེས་རབ་རྩེར།།
དགྱེས་དགྱེས་བརྩེ་བརྩེའི་ངང་ནས་ཚོགས་པའི་གཞོན།།
བསོད་ནམས་མ་ཆུང་ཁ་རྗེའི་ནུས་མཐུ་ལས།།
ཡུལ་ཁམས་ཡངས་ཤིང་ས་ལ་སྐྱིད་པ་ཤར།།
སྐལ་ཅན་སློབ་དཔོན་མང་པོ་མཇལ་བ་ཡིན།།
  སློབ་ཕྲུག་དམངས་ལུ་སློབ་སྟོན་མཛད་བཞིན་ཡོད།།

དུག་གསུམ་ཉོན་མོངས་མེད་པའི་སངས་རྒྱས་ཀྱིས།།
འགྲོ་དྲུག་ཀུན་ལ་ཆོས་འཁོར་གསུངས་པ་བཞིན།།
མེ་ཏོག་སྦྲང་རྩིས་ལྟ་བུའི་ཤེས་ཡོན་གནང་།།
བཀྲིན་རྡོ་གུ་རི་མོ་བྲིས་ལྟར་ཞུ།།
སློབ་དཔོན་རྣམས་ནི་ཆུ་ཡི་ཟམ་པ་འདྲ།།
སློབ་ཕྲུག་ཐམས་ཅད་འདི་ལས་བརྒལ་བ་ཡིན།།
བློ་རིག་མཁས་ཚུལ་ཆུ་རྒྱུན་གནང་མི་འདི།།
སྤྲོ་བ་ཚད་མེད་བསྐྱེད་དེ་ལེན་པར་བྱ།།

སློབ་དཔོན་སློབ་ཕྲུག་གཉིས་ཀྱི་འབྲེལ་བ་ནི།།
དམ་ཚིག་འགྱུར་མེད་བདུད་རྩི་ངོམས་པར་མེད།།
གསེར་སྲང་བརྒྱ་ལས་ལྷག་པའི་ཡོན་ཏན་འདི།།
མི་རྫོགས་མི་བྱང་མི་བརྐུ་རང་རྒྱུད་བཙུགས།།
             དེ་མིན་ཡིད་འོང་མཛེས་ལྡན་ལྟ་སོགས་དང་།།
                དུས་མིན་ཆང་དང་སྨྱོ་རྫས་ལོངས་སྤྱོད་པ།།
                  ཡར་འགྲོ་མར་འགྲོ་ཕར་བཤལ་ཚུར་བཤལ་སྤོང་།།
                ཕ་གཞུང་རྒྱུ་ནོར་ཟད་པའི་རང་བཞིན་ཡིན།།

ལུང་ནས་བག་ཡེངས་དབང་ལུ་ཤོར་ཚུལ་ནི།།
རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན།།
ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལྟར་རིང་།།
དེ་བཞིན་བདག་པོའི་ཚེ་ནི་འཕྲོ་བརླག་ཡིན།།
                ད་ལྟ་དུས་ཚོད་མང་པོ་ཡོད་པའི་སྐབས།།
                རྩ་བ་རུལ་བའི་སྡོང་པོ་མ་ཡིན་བཞིན།།
                ར་རྟགས་སྲ་བ་བཙུགས་པའི་དུས་ཡིན་འདྲེན།།
                 འདི་མིན་མི་འདོད་བཞིན་དུ་འགྱེལ་བར་འགྱུར།།
ཡོན་ཏན་ཆུ་ཟད་མ་བཏང་ད་ལས་ཕར།།
ངང་པ་ཆུ་ལས་འོ་མ་ལེན་བཞིན་ལེན།།
གཞུང་ཕམ་གཉིས་ལ་དྲིན་ལེན་ལེགས་པར་འཇལ།།
མི་ཚེས་དགའ་སྐྱིད་ངང་ལུ་གནས་པ་ཡིན།།
                           ཨྱོ་རྒྱན་རིན་པོ་ཆེ་ཡི་ཞལ་ནས་ཀྱང།།
                             སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར།།
                             དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན།།
                             འདི་ལ་བསམ་པ་ལེགས་ཞིང་རྟགས་པར་བྱ།།

ལེགས་སྨོན་བཀྲིས་བདེ་ལེགས་ཞུ་འཕྲིན་འདི།།
རྒྱལ་བློན་འབངས་གསུམ་དགའ་སྐྱིད་འཁོར་བར་ཤོག།
ནད་སྨུག་འཁྲུགས་རྩོད་ཐམས་ཅད་ཞིས་བར་ཤོག།
དཀོན་མཆོག་གསུམ་གྱི་བྱིན་རླབས་འཇུག་པར་ཤོག།

རྩོམ་པ་པོ༔ ཨོ་རྒྱན་ཕུན་ཚོགས།།
རྫོང་ཁ་ཨིང་སྐད་སྡེ་ཚན།།
སློབ་དུས་༤་པ།།
༢༠༡༢།།

1 comment: